Category

རླུང་འཕྲིན།

རེབ་གོང་མགྲོན་ཁང་ཞིག་ནས་བོད་སྐད་བཤད་མི་ཆོག་པའི་དོན་རྐྱེན་དབྱེ་ཞིབ།(རླུང་འཕྲིན་བཅར་འདྲི)

རེབ་གོང་གི་མགྲོན་ཁང་ཞིག་ནས་བོད་སྐད་བཤད་མི་ཆོག་པའི་དོན་རྐྱེན་དེའི་སྐོར་ལ་ཁྲིམས་ལུགས་ཉམས་ཞིབ་པ་སྒྲོལ་མ་སྐྱབས་ལགས་སུ་བཅར་འདྲི་བྱས་པ་ཞིག་ལ་འདིར་ཉོན།

ལྷ་སའི་སློབ་གསོའི་སྐད་ཡིག་དང་ས་གནས་ཀྱི་ཁྲིམས།(རླུང་འཕྲིན་བཅར་འདྲི)

ལྷ་སའི་སློབ་གསོའི་སྐད་ཡིག་དང་ས་གནས་ཀྱི་ཁྲིམས་ཀྱི་གནད་དོན་སྐོར་ལ་ཁྲིམས་ལུགས་ཉམས་ཞིབ་པ་སྒྲོལ་མ་སྐྱབས་ལགས་སུ་བཅར་འདྲི་བྱས་པ་ཞིག་ལ་འདིར་ཉོན།

རེབ་གོང་གི་ས་གནས་ཀྱི་ཁྲིམས་དང་སློབ་གསོའི་སྐད་ཡིག (རླུང་འཕྲིན་བཅར་འདྲི)

རེབ་གོང་གི་ས་གནས་ཀྱི་ཁྲིམས་དང་སློབ་གསོའི་སྐད་ཡིག་གི་གནད་དོན་སྐོར་ལ་ཁྲིམས་ལུགས་ཉམས་ཞིབ་པ་སྒྲོལ་མ་སྐྱབས་ལགས་སུ་བཅར་འདྲི་བྱས་པ་ཞིག་ལ་འདིར་ཉོན།

ཁྲིམས་རིག་རླུང་འཕྲིན། ༼ ༦ ༽

རྒྱ་ནག་གི་གཏུག་བཤེར་གྱི་ཁྲིམས་ལུགས་དང་འཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ཀྱི་སྐོར། རྒྱ་ནག་གི་གཏུག་བཤེར་སྐོར་གྱི་ཁྲིམས་ལུགས་གསུམ་དང་། འཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཁྲིམས། འཛིན་སྐྱོང་གི་སྐོར་གྱི་ཁྲིམས། ལམ་ཡིག་གི་སྐོར་གྱི་ཁྲིམས་སོགས་མདོར་ཙམ་བཤད་ཡོད།   སྐད་འཕྲིན་སྟེང་ནས་གསན་རོགས་མཛོད།

ཁྲིམས་རིག་རླུང་འཕྲིན། ༼ ༥ ༽

གྱོད་དཔེ་ཁག་ལ་རྟེན་ནས་ཁྲིམས་ལུགས་བཤད་པ། དེང་སྐབས་ཀྱི་གྲགས་ཆེ་བའི་ཉེས་དོན་གྱོད་གཞི་ཁག་ལ་དབྱེ་ཞིབ་བྱས་ནས། ཉེས་ཁྲིམས་དང་དེའི་གཏུག་བཤེར་བརྒྱུད་རིམ་ཁྲོད་ཀྱི་ཁྲིམས་ཁང་དང་གསར་ལམ་གྱི་འབྲེལ་བ། ཁྲིམས་བཟོ་དང་ཁྲིམས་འཛིན་རང་རྐྱ་ཐུབ་པའི་སྐོར་གྱི་གནས་ཚུལ་སོགས་མཚམས་སྦྱོར་བྱས་ཡོད། སྐད་འཕྲིན་སྟེང་ནས་གསན་རོགས་མཛོད།

ཁྲིམས་རིག་རླུང་འཕྲིན། ༼ ༤ ༽

བཀག་ཉར་དང་འཛིན་བཟུང་གི་ཁྱད་པར།  ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་ནང་གི་བཀག་ཉར་དང་འཛིན་བཟུང་དབར་གྱི་ཁྱད་པར་དང་རྣམ་པ། རྒྱ་ནག་གི་ཉེས་དོན་བརྒྱུད་རིམ་གྱི་ཁྲིམས་ཀྱི་ཁྱད་ཆོས།  ཉེས་དོན་བརྒྱུད་རིམ་ཁྲོད་དུ་བཙན་ཤེད་ཀྱིས་རང་ཉིད་ནག་ཉེས་ཡིན་པའི་ངོས་ལེན་བྱེད་དུ་འཇུག་མི་ཆོག་པ་དང་། ཁྲིམས་མཐུན་མིན་པའི་དཔང་རྟགས་སུན་འབྱིན་བྱེད་དགོས་བ། རྒྱལ་ཁབ་བདེ་འཇགས་ཀྱི་ཉེས་མིང་འོག་ཉེས་འཛུགས་བྱེད་དུས་སོ་སོར་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་བའི་སྐོར་མདོར་བསྡུས་ཙམ་བཤད་པ། སྐད་འཕྲིན་སྟེང་ནས་གསན་རོགས་མཛོད།

ཁྲིམས་རིག་རླུང་འཕྲིན། ༼ ༣ ༽

རྒྱ་ནག་གི་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་འགྲོ་སྟངས་དང་། བཀག་ཉར་དང་འཛིན་བཟུང་དང་ཁྲིམས་བཤེར་བཅས་ཀྱིས་བརྒྱུད་རིམ།  དོ་བདག་ལ་ཡོད་པའི་ཐོབ་ཐང་། ཁྲིམས་ཁང་གོང་འོག་གི་བྱེད་ནུས་དང་རྒྱ་ནག་ཉེས་དོན་གཏུག་བཤེར་་སོགས་ཀྱི་གནད་དོན་མདོར་བསྡུས་ཤིག་བཤད་ཡོད། སྐད་འཕྲིན་སྟེང་ནས་གསན་རོགས་མཛོད།

ཁྲིམས་རིག་རླུང་འཕྲིན། (༢)

རླུང་འཕྲིན་ལེ་ཚན་འདིའི་ནང་ནས་རྒྱ་ནག་གི་རྩ་ཁྲིམས་ཀྱི་བྱུང་རབས་དང་།  རྩ་ཁྲིམས་ཀྱི་ནང་དོན། རྩ་ཁྲིམས་བཟོ་བཅོས་བྱེད་དགོས་བའི་རྒྱུ་མཚན་དང་ཆབ་སྲིད་དང་དཔལ་འབྱོར་གྱི་རྒྱབ་ལྗོངས། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱིད་དོན་ཚན་རྩ་ཁྲིམས་ནང་དུ་བསྣན་པ་བཅས་མདོར་བསྡུས་ཙམ་བཤད་ཡོད་པ་དང་། སྲིད་ཇུས་དང་ཁྲིམས་ལུགས་ཀྱི་འབྲེལ་བའང་ཅུང་ཟད་བཤད་ཡོད། སྐད་འཕྲིན་སྟེང་ནས་གསན་རོགས་མཛོད།

ཁྲིམས་རིག་རླུང་འཕྲིན། ༼༡༽

སྒྲ་མཛོད་འདིའི་ནང་དུ་རྒྱ་ནག་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་ལོ་རྒྱུས་དང་། ད་ལྟ་བེད་སྤྱོད་བྱེད་བཞིན་པའི་ཁྲིམས་ལུགས། བོད་ཁམས་ནས་བཟོས་བའི་ཡུལ་ཁྲིམས་སོགས་མཚམས་སྦྱོར་དང་འགྲེལ་བརྗོད་བྱེད་གིན་ཡིན། གསན་མཁན་རྣམ་པས་དུས་ལྟར་གསན་པར་དགའ་བསུ་ཞུ། ལེའུ་ཚན་འདི་བརྒྱུད་ནས་ཁྲིམས་ལུགས་ཐད་ཀྱི་བསམ་འཆར་དང་ཐབས་ལམ་སོགས་བརྗེ་རེས་བྱས་ཏེ། ཁྲིམས་ཤེས་བར་འདོད་པ་རྣམས་ལ་ཁྲིམས་ཀྱི་རྒྱུན་ཤེས་སྤེལ་བ་དང་། རྒྱ་ཆེ་བོད་རིགས་སྤུན་ཟླ་རྣམས་ལ་ཁྲིམས་ལུགས་ཤེས་བྱ་ཡིས་གང་ལ་གང་འཚམས་ཀྱི་་ཕན་ཐོགས་ཡོང་པར་སྨོན་ཞེས་ཁྲིམས་གླེང་ནས་སྤེལ། ༡༽ མཚམས་སྦྱོར། གནའ་རབས་རྒྱ་ནག་གི་འཛིན་སྐྱོང་དང་ཁྲིམས་ལུགས་ཀྱི་སྲོལ་རྒྱུན་རགས་ཙམ་བཤད་པ། སྐད་འཕྲིན་སྟེང་ནས་གསན་རོགས་མཛོད།

© 2017 — Powered by WordPress

Theme by Anders NorenUp ↑